སྐྱིད་པའི་འབྲུག་གཡུས་ཙན་དན་བཀོད་པའི་གནས། ༼རྫོང་ཁའི་ཞབས་ཁྲ།༽

Wikipedia ལས།

༉ སྐྱིད་པའི་འབྲུག་གཡུས་ཙན་དན་བཀོད་པའི་གནས།། ཤར་ནས་ཙཱ་རི་གནས་ཀྱིས་ཞིང་ཁམས་འགྲན།། ལྷོ་ནས་བྱང་ཐང་པདྨས་མཛེས་པར་བརྒྱན།། ནུབ་ནས་སྦས་ཡུལ་ཕུག་གིས་བདེ་བར་བཀོད།།བྱང་ནས་གངས་ཆེན་རི་རབ་རྭ་བས་བསྐོར།། དབུས་ན་སྐྱེད་ཚལ་བཟང་པོའི་གནས་མཆོག་ཏུ།། བདེ་སྐྱིད་ཕུན་ཚོགས་ཞིང་ཁམས་ལྟ་བུའི་གནས།། རང་དབང་རང་བཙན་གཙང་མའི་ལྡུམ་ར་འདྲ།། སྒྲ་སྙན་ཚིག་གིས་བརྒྱན་པའི་ཞབས་བྲོ་འདི།། བཀྲིས་དགའ་སྟོན་འགྱེད་པའི་དུས་སུ་ཕུལ།། འདིར་ཚོགས་ལྷ་མི་ཡོངས་ཀྱི་སྙན་སྒྲོན་དུ།། བདེ་ལེགས་བཟང་པོའི་དར་དང་བཅས་ཏེ་ཕུལ།། །།