འཛམ་གླིང་དཔེ་ཀློག་ཉིན་མོ་

ཡོང་ཁུངས་Wikipedia

འཛམ་གླིང་དཔེ་ཀློག་ཉིན་མོའི་མིང་ཡོངས་ལ་འཛམ་གླིང་གི་དཔེ་དེབ་དང་ཁེ་དབང་གི་ཉིན་མོ་ཞེས་འབོད་ཅིང་མིང་གཞན་ལ་འཛམ་གླིང་དཔེ་ཀློག་ཉིན་མོ་ཞེས་ཀྱང་ཟེར། དེང་ཐོག་འདི་ནི་རྒྱལ་སྤྱིའི་དཔེ་སྐྲུན་མཐུན་ཚོགས་ཀྱིས་༡༩༩༥ལོའི་ཟླ་བ༡༡པའི་ཚེས་༡༥ཉིན་དངོས་སུ་གཏན་ཁེལ་བྱས་ཏེ་ལོ་རེའི་ཟླ་༤བའི་ཚེས༢༣ཉིན་འཛམ་གླིང་གི་དཔེ་དེབ་དང་ཁེ་དབང་ཉིན་མོ་ཞེས་གཏན་ཁེལ་བྱས། འདི་ལྟར་བཙུགས་དགོས་པའི་དམིགས་ཡུལ་ནི་མི་མང་བོ་ཞིག་དཔེ་ཀློག་དང་རྩོམ་འབྲིའི་ཕྱོགས་ལ་སྐུལ་མ་གཏོང་བ་དང་རྩོམ་རིགས་དང་རིག་གཞུང་། ཚན་རིག་བཅས་ཀྱི་ཕྱོགས་ནས་རླབས་ཆེན་གྱི་བྱས་རྗེས་འཇོག་མཁན་དག་ལ་བཀའ་དྲིན་རྗེས་དྲན་དང་ཤེས་ཡོན་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཆེད་བཙུགས་པའི་ཉིན་མ་ཞིག་ཡིན། དེ་བས་ལོ་རེའི་ཉིན་མོ་འདིར་རྒྱལ་ཁབ་བརྒྱ་ལྷག་གིས་རིགས་མི་འདྲ་བའི་སྒོ་ནས་ཁྱབ་བསྒྲགས་དང་དྲིལ་བསྒྲགས་ཀྱི་ཉིན་མོ་ཞིག་ཀྱང་རེད།

༡༩༩༥ལོར་རྒྱལ་སྤྱིའི་དཔེ་སྐྲུན་མཐུན་ཚོགས་ཀྱིས་འཛམ་གླིང་གི་ཚོགས་ཆེན་ཐེངས་༢༥བའི་སྟེང་དུ་འཛམ་གླིང་དཔེ་ཀློག་ཉིན་མོ་ཞེས་པ་གླེང་ཞིང་གཞན་ད་དུང་ཨེ་སི་པན་ཡ་Spain(西班牙)ཡིས་འཆར་གཞི་འདི་དག་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིགས་རྩ་འཛུག་ཁང་ལ་སྙན་ཞུ་བྱས།

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རྩ་འཛུགས་ཁང་གིས་འཛམ་གླིང་དཔེ་ཀློག་དུས་ཆེན་ཟླ་༤བའི་ཚེས༢༣ཉིན་གཏན་ཁེལ་བྱེད་པ་འདིའི་འབྱུང་རྩ་ནི་ཨེ་སི་པན་ཡ་་ཅ་ཐེ་ལོ་ཉིས་ཡ་ས་ཁུལ་(西班牙加泰罗尼亚地区)གྱི་ངག་རྒྱུན་ཞིག་ལས་བརྒྱུད་པ་ཡིན། ཇག་པ་སྐོར་ཞིག་གིས་ཀོང་ཇོ་ཞིག་གྲོག་རོང་དུ་བཀག་སྐྱིལ་བྱས་ཤིང་སྐབས་དེར་དཔའ་རྒོད་ཆོ་ཀྲི་(乔治)ཡིས་ཇག་པ་དེ་དག་བཏུལ་ནས་ཀོང་ཇོ་ཉེན་ཁ་ལས་སྐྱོབས། ཀོང་ཇོས་ཕྱིར་ཆོ་ཀྲི་(乔治)ལ་བཀའ་དྲིན་མཚོན་བྱེད་དུ་དཔེ་དེབ་གཅིག་ཕུལ། དེ་ནས་བཟུང་དཔེ་དེབ་ནི་བློ་སྟོབས་དང་ནུས་པ་མཚོན་རྟགས་སུ་གྱུར། ཟླ་༤བའི་ཚེས་༢༣ཉིན་དམ་པ་ཆོ་ཀྲིའི་དུས་ཆེན་(圣乔治节)ཞེས་པ་གཏན་ཁེལ་བྱས། དུས་ཆེན་གྱི་སྐབས་འདིར་ཇ་ཐེ་ལོ་ཉིས་ཡ་ས་ཁུལ་(加泰罗尼亚地区)གྱི་སྡོད་དམངས་དག་གིས་ཉིན་འདིར་རང་གི་གྲོགས་པོ་དག་ལ་རྒྱ་སེའི་མེ་ཏོག་དང་དཔེ་དེབ་འབུལ་བའི་གོམ་གཤིས་ཆགས། གཞན་ད་དུང་ཉིན་མོ་འདི་ནི་ཧྲ་ཧྲི་པིས་ཡ་(莎士比亚)སྐྱེ་ཉིན་དང་འདས་ཉིན་གྱི་ཉིན་མོ་ཡིན་ཞིང་། ཨ་རིའི་རྩོམ་པ་པོ་ན་བྷོ་ཁུ་ཧྥུས། (纳博科夫)ཧྥ་རན་སུའི་རྩོམ་པ་པོ་མོ་ལིས་སི་དི་ལོས་འང་(莫里斯·德鲁昂)སོགས་ཀྱི་སྐྱེས་སྐར་ཡང་ཡིན་པས་འཛམ་གླིང་རང་བཞིན་ཅན་གྱི་དཔེ་ཀློག་ཉིན་མོ་ཞེས་འབོད་ཀྱང་མིང་དོན་འཚུངས། ལོ་ལ་རྒན་གཞོན་དང་རྒྱུ་ནོར་ལ་ཕྱུག་སྤྲང་མེད་པ་ཐམས་ཅད་ཀྱིས་དཔེ་ཀློག་གི་ལས་ལ་སྤྲོ་སྣང་དགོས་ཤིང་མིའི་རིགས་ཀྱི་དཔལ་ཡོན་ལ་རླབས་ཆེ་བའི་བྱས་རྗེས་འཇོག་མཁན་གྱི་བསམ་བློ་བཟོ་སྐྲུན་པ་དག་གི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས།