(Go: >> BACK << -|- >> HOME <<)

Jump to content

རྒྱལ་གཞུང་རྩིས་ཞིབ་དབང་འཛིན། Ι Royal Audit Authority

Wikipedia ལས།
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.
རྒྱལ་གཞུང་རྩིས་ཞིབ་དབང་འཛིན།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་འདི་ འགན་འཁྲི་དང་དྭངས་གསལ་ དེ་ལས་དོན་སྨིན་ཅན་གྱི་ཞབས་ཏོག་སྤྲོད་ནི་ནང་ ཕན་འདེབས་འབད་མི་ རང་དབང་ཅན་གྱི་རྩ་ཁྲིམས་ཅན་གྱི་འདུས་ཚོགས་ཅིག་ཨིན། རྩ་བ་གསུམ་ འབྲུག་རྒྱལ་པོ། རྒྱལ་ཁབ། མི་སེར། གྱི་མཐའ་དོན་ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ འཇིགས་སྣང་དང་མཐུན་འགྱུར་ ཡང་ན་ ཕྱོགས་ལྷུང་མེད་པར་རྩིས་ཞིབ་རྐྱབ་སྟེ་ མི་དམངས་ལས་སྡེ་ཚུ་ནང་ དོན་སྨིན་ཅན་གྱི་གྲོས་ཐག་གཅད་ནི་ནང་ ཕན་འདེབས་འབད་ནིའི་དོན་ལུ་ དུས་ཐོག་དང་ཁུངས་ལྡན་ དེ་ལས་ སྤུས་ཚད་ཅན་གྱི་རྩིས་ཞིབ་ཀྱི་ཞབས་ཏོག་ཚུ་ཕུལཝ་ཨིན།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་འཆར་སྣང་།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་འཆར་སྣང༌འབད་བ་ཅིན་ མི་དམངས་ལག་ལེན་ཚུ་ནང་ དངུལ་གྱི་གནས་གོང་དང་ གཞུང་སྐྱོང་ལེགས་ལྡན་ཡར་དྲག་གཏང་སྟེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ མི་སྡེའི་རེ་འདོད་ཚུ་གྲུབ་ནི་ནང་ ཕན་འདེབས་འབད་མི་ བློ་གཏད་ཅན་གྱི་མངོན་མཐོའི་རྩིས་ཞིབ་གཙུག་སྡེ་ཅིག་ཨིན་མས།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གཞི་བཙུགས།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ཟེར་ མཚན་གནས་འཛིན་པའི་ རང་དབང་ཅན་གྱི་དབང་འཛིན་འདི་ འབྲུག་གི་མངོན་མཐོའི་རྩིས་ཞིབ་གཙུག་སྡེ་སྦེ་ བརྩི་འཇོག་འབད་དགོཔ་ཨིན་མས།  དབང་འཛིན་འདི་ རྩིས་ཞིབ་ཡོངས་ཁྱབ་ཀྱི་ འགོ་འཁྲིད་འབད་དགོཔ་ད་ རྩིས་ཞིབ་ཡོངས་ཁྱབ་དེ་ ཁོའམ་མོ་རའི་འགན་དབང་འབག་ནི་གི་མ་ཚད་ གལ་གནད་ཅན་གྱི་སྲིད་བྱུས་དང་ དབང་འཛིན་གྱིས་འཛིན་སྐྱོང་གི་གྲོས་ཆོད་བཟོ་ནི་ལུ་ གྲོས་སྟོན་ཚོགས་ཆུང་གིས་ རྒྱབ་སྐྱོར་འབད་དགོཔ་ཨིན་མས།  དབང་འཛིན་གྱི་བྱ་སྒོ་ཚུ་ དོན་སྨིན་ཅན་གྱི་སྒོ་ལས་བསྟར་སྤྱོད་འབད་ནིའི་དགོས་མཁོ་དང་འཁྲིལ་ ལུང་ཕྱོགས་ཡིག་ཚང་ཚུ་ གཞི་བཙུགས་འབད་ཡོདཔ་ཨིན། དབང་འཛིན་གྱི་ལུང་ཕྱོགས་ཡིག་ཚང་ཚུ་དང་ སྦྱོང་བརྡར་ལྟེ་བ་འོང་དགོཔ་དང་ འོས་ འཚམས་ལྡན་པའི་ ཆེ་རིམ་འགོ་དཔོན་ཅིག་གིས་ འགོ་ཁྲིད་འབད་དེ་ཡོདཔ་ཨིན།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་འགན༌འཛིན༌པ།

དྲག་ཤོས་བཀྲིས་འདི་ འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ མི་དབང་མངའ་བདག་རིན་པོ་ཆེ་གིས་སྤྱི་ལོ་༢༠༢༠ སྤྱི་ཟླ་༡༠ པའི་སྤྱི་ཚེས་༡༤ ལུ་ བསྐོ་བཞག་མཛད་གནང་པའི་རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ རྩིས་ཞིབ་ཡོངས་ཁྱབ་གསུམ་པ་ཨིན། རྩིས་ཞིབ་ཡོངས་ཁྱབ་འདི་ བློན་ཆེན། འབྲུག་གི་ཁྲིམས་སྤྱི་བློན་པོ། མི་རྗེ་ཚོགས་དཔོན། རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་དང་ ལྡོག་ཕྱོགས་འགོ་འཁྲིདཔ་ཚུ་མཉམ་རུབ་ཀྱི་སྒོ་ལས་ ཁྱད་ལྡན་མི་ངོམ་གྱི་རྒྱབ་སྣོན་ཕུལ་མིའི་ཐོ་ནང་ལས་ འབྲུག་རྒྱལཔོ་གིས་བསྐོ་བཞག་མཛད་གནངམ་ཨིན།

རྩིས་ཞིབ་ཡོངས་ཁྱབ་འབད་བསྐོ་བཞག་མ་མཛད་པའི་ཧེ་མ་ དྲག་ཤོས་ཀྱིས་མངའ་བདག་རྒྱལ་པོའི་ཡིག་ཚང་ནང་ སྤྱི་ལོ་༢༠༠༩ སྤྱི་ཟླ་༧ པ་ལས་ སྤྱི་ལོ་༢༠༢༠ སྤྱི་ཟླ་༡༡ པ་ཚུན་ གཟིམ་དཔོན་འོགམ་འབད་ཕྱག་ཞུ་ཡི། དེ་བསྒང་ དྲག་ཤོས་ཀྱིས་དམིགས་བསལ་དུ་ མི་དབང་རྒྱལ་བཙུན་གྱི་ཨ་ཞེའི་ལས་འགུལ་ཡིག་ཚང་ནང་ཕྱག་ཞུ་ནུག།

འཆི་མེད་རྡོ་རྗེ་འདི་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ནང་ མཁས་མཆོག་༢ པ་སྦེ་ཕྱག་ཞུཝ་ཨིན། འདི་གི་ཧེ་མ་ ཞལམ་སྒང་རྫོང་ཁག་གི་རྫོང་བདག་སྦེ་ཕྱག་ཞུ་ཡི། ཁོ་གིས་སྤྱི་ལོ་༢༠༢༠ ཟླ་༣ པ་ལས་༡༡ པ་ཚུན་  རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་བསྐྱར་ཞིབ་དང་ལུང་ཕྱོགས་ཡིག་ཚང་ལས་ཁུངས་དང་ སྤྱི་ལོ་༢༠༡༦ ལས་༢༠༢༠ ཚུན་ལུ་ ཁྲིམས་བསྟུན་དང་ལས་འབྲེལ་རྩིས་ཞིབ་ལས་ཁུངས་ཀྱི་རྩིས་ཞིབ་ཡོངས་ཁྱབ་འོག་མ་སྦེ་ཕྱག་ཞུ་ནུག།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ཡིག་ཚང་བལྟེ་བའི་སྡེ་ཚན།

Ø  བདག་སྐྱོང་དང་དངུལ་རྩིས་ལས་ཚན།

Ø  ཁྲིམས་བསྟུན་དང་རྩིས་ཞིབ་ཕྱིར་སྤྲོད་སྡེ་ཚན།

Ø  བསྐྱར་ཞིབ་དང་རྩིས་ཞིབ་ཉོག་མེད་སྡེ་ཚན།

Ø  སྤྱིར་བཏང་གཞུང་སྐྱོང་སྡེ་ཚན།

Ø  མི་སྟོབས་དང་རྒྱལ་སྤྱི་མཐུན་འབྲེལ་སྡེ་ཚན།

Ø  བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་སྡེ་ཚན།

Ø  ལས་འབྲེལ་རྩིས་ཞིབ་སྡེ་ཚན།

Ø  སྲིད་བྱུས་དང་འཆར་གཞི་སྡེ་ཚན།

Ø  ཞིབ་འཚོལ་དང་སྤུས་ཚད་ངེས་བརྟན་སྡེ་ཚན།

Ø  ཐོན་ཁུངས། ཚོང་། བཟོ་གྲྭ་དང་ཚོང་ལས་སྡེ་ཚན།

Ø  མི་སྡེ། བརྒྱུད་འབྲེལ་དང་བརྡ་དོན་སྡེ་ཚན།

Ø དོན་འབྲེལ་རྩིས་ཞིབ་སྡེ་ཚན།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ལུང་ཕྱོགས་ཡིག་ཚང་།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ལུང་ཕྱོགས་ཡིག་ཚང་བཞིཔོ་དེ་ཡང་

Ø  ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ་ཡིག་ཚང་ བུམ་ཐང་།

Ø  ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ་ཡིག་ཚང་ ཕུན་ཚོགས་གླིང་།

Ø  ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ་ཡིག་ཚང་ བསམ་གྲུབ་ལྗོངས་མཁར།།

Ø  ཞིབ་རོགས་རྩིས་ཞིབ་ཡོངས་ཁྱབ་ཡིག་ཚང་ རྩི་རང་།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ཚོགས༌ཆུང།

Ø  གྲོས་སྟོན་ཚོགས༌ཆུང་།

Ø  ལོ་བསྟར་རྩི་ཞིབ་སྙན་ཞུའི་ཁྱད་རིག་ཚོགས༌ཆུང་།

Ø  རྩིས་ཞིབ་ཚོགས༌ཆུང་།

Ø  རྫོང་ཁ་གོང་འཕེལ་ཚོགས༌ཆུང་།

Ø  དངུལ་རྩིས་ཚོགས༌ཆུང་།

Ø  བསྐྱར་ཞིབ་ཚོགས༌ཆུང་།

Ø  མི་སྟོབས་དང་འཛིན་སྐྱོང་ཚོགས༌ཆུང་།

Ø  མཁོ་སྒྲུབ་ཚོགས༌ཆུང་།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ལཱ་འགན།

སྤྱིར་རྒྱལ་ཁབ་ནང་ ལས་སྡེ་ཚུ་གིས་ ཐོན་སྐྱེད་ཚུ་བཀོལ་སྤྱོད་འབད་ནི་ནང་ ཚད་དམ་དང་ འཇོན་ཚད་ དོན་སྨིན་ཚུ་གྲུབ་ཡོད་མེད་ཀྱི་བརྟག་ཞིབ་འབད་ནིའི་དོན་ལུ་ ལས་རིམ་དང་ལས་སྤྱོད་ ཡང་ན་ འཛིན་སྐྱོང་ལམ་ལུགས་ དེ་ལས་ བྱ་རིམ་ཚུ་གི་རང་དབང་གི་བརྟག་དཔྱད་ཚུ་འབདཝ་ཨིན།  འདི་གིས་གཞུང་ལུ་ འཛིན་སྐྱོང་གི་མཛད་སྒོ་ཚུ་དང་ དེ་ནང་གི་གྲོས་ཐག་ཚུ་གི་གྲུབ་འབྲས་ཚུ་གི་སྐོར་ལས་ བརྡ་སྤྲོད་འབད་ནི་ནང་རྩ་ཅན་གྱི་འགན་ཁག་འབགཔ་ཨིན། རྩིས་ཞིབ་འདི་གིས་ མི་དམངས་ཀྱི་ཞབས་ཏོག་ཚུ་ ག་དེ་སྦེ་ལག་ལེན་འཐབ་ཨིན་ན་ ལྷད་མེད་དང་ ཁུངས་ལྡན་གྱི་བརྡ་དོན་ཚུ་སྤྲོད་ཐོག་ལས་ དྭངས་གསལ་དང་ འགན་འཁྲི་ཡར་དྲག་བཟོ་ནི་གི་དམིགས་ཡུལ་ཚུ་ཡང་བསྐྱེདཔ་ཨིན།

དེམ་ཚད་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ཚད་དམ་དང་ ལེགས་བཅོས་འབད་ནི་གི་དམིགས་ཡུལ་ལུ་ བརྩི་འཇོག་འབད་དེ་ གཞུང་གི་ལས་སྣ་ཚུ་དང་ལས་རིམ་ཚུ་ ཡང་ན་ འགོ་འདྲེན་ཚུ་གི་འཇོན་ཚད་དང་ དོན་སྨིན་གྱི་རང་དབང་བརྟག་ཞིབ་ (མངོན་མཐོ་རྩིས་ཞིབ་གཙུག་སྡེའི་རྒྱལ་སྤྱིའི་འདུས་ཚོགས་) གྱི་ལཱ་འགན་ཚུ་འབགཔ་ཨིན།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལས་འབྲེལ་རྩིས་ཞིབ་ཀྱི་འགན་དབང་དང་ དོན་ཚན་གྱི་གདམ་འཐུ་ལཱ་འགན་ ཚུ་འབགཔ་ཨིན།  དེ་ཡང་ ལས་འབྲེལ་རྩིས་ཞིབ་རྐྱབ་ནི་གི་འགན་དབང་འདི་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༥(༡) དང་ འབྲུག་གི་རྩིས་ཞིབ་བཅའ་ཁྲིམས་༢༠༡༨ ཅན་མའི་དོན་ཚན་༦༨ པའི་ནང་ལུ་ དབང་འཛིན་གྱིས་ མི་མང་ཐོན་སྐྱེད་ཚུ་ ཚད་དམ་དང་ འཇོན་ཚད་ དོན་སྨིན་ཅན་གྱི་ཐོག་ལུ་སྤྱོད་ནིའི་སྐོར་ རྩིས་ཞིབ་རྐྱབ་སྟེ་སྙན་ཞུ་འབད་དགོ་ ཟེར་འཁོད་དེ་ཡོད་མི་ལས་ཐོབ་ཨིན། རྩིས་ཞིབ་བཅའ་ཁྲིམས་ཀྱི་དོན་ཚན་༦༩ པའི་ནང་ལུ་ དབང་འཛིན་གྱིས་ དགོས་མཁོ་མཐོང་མི་དང་འཁྲིལ་ གདམ་འཐུ་འབད་བའི་འཆར་གཞི་དང་བརྗོད་དོན་ ཡང་ན་ དོན་ཚན་ཚུ་གི་ཐད་ མི་མང་ལས་སྤྱོད་ཚུ་ནང་ ཚད་དམ་དང་ འཇོན་ཚད་ དོན་སྨིན་ཚུ་གི་སྐོར་ལས་ བརྟག་ཞིབ་འབད་ནི་དང་ སྙན་ཞུ་འབད་ནིའི་དོན་ལུ་ ལས་འབྲེལ་རྩིས་ཞིབ་འགོ་འདྲེན་འཐབ་དགོ་ ཟེར་འཁོད་དེ་ཡོད་མི་ལས་ཡང་ཐོབ་ཨིན།

Ø ལས་འབྲེལ་རྩིས་ཞིབ་ཚུ་གི་དོན་ཚན་གདམ་འཐུ་འབད་ནི་གི་ཚད་གཞི་ནང་གཤམ་འཁོད་དོན་ཚན་ཚུ་ཚུདཔ་ཨིན་མས།

Ø དངོས་ཁུངས།

Ø འབྱུང་སྲིད་པའི་ཕན་གནོད།

Ø ལེགས་བཅོས།

Ø གཞུང་ཡང་ན་མི་དམངས་ཀྱི་མཐའ་དོན། མངོན་མཐོ་རྩིས་ཞིབ་གཙུག་སྡེ་ལུ་ཉེན་ཁ།

Ø རྩིས་ཞིབ་རྐྱབ་ནིའི་འོས་འབབ།

Ø འོས་འབབ།

Ø ཧེ་མའི་རྩིས་ཞིབ་ཀྱི་ལཱ།

Ø འཆར་གཞི་བརྩམས་མི་ཡང་ན་འབད་འཕྲོ་ཡོད་པའི་ལཱ་རིགས་གཞན་ཚུ།

Ø སྲིད་དོན་གྱི་ཤེས་ཚོར་མཐོ་དྲགས་ཡོད་མི།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་བརྡ་བརྒྱུད་ བརྒྱུད་འབྲེལ་གྱི་ལམ་སྟོན་སྲིད་བྱུས།

མི་དབང་མངའ་ཞབས་ཀྱི་ཐུགས་དགོངས་ཚུ་དང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ཉིན་བསར་གྱི་ལས་དོན་ཚུ་ནང་ རྩ་ཁྲིམས་དང་འབྲེལ་བའི་བརྩི་མཐོང་ཚུ་ མངོན་གསལ་ཆེ་ཏོག་ཏོ༌སྦེ་གྲུབ་ནི་ནང་ ཁས་ཕན་གྱི་དོན་ལུ་ ལམ་སྟོན་སྲིད་བྱུས་གཞི་བཙུགས་འབད་གནང་ནུག། རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ རྒྱུན་ཆད་མེད་པའི་བརྩོན་ཤུགས་ཀྱི་དོན་ལུ་ བསྐྱར་བཟོ་འབད་ཡོད་པའི་བརྡ་བརྒྱུད་བརྒྱུད་འབྲེལ་གྱི་ལམ་སྟོན་ སྲིད་བྱུས་༢༠༢༢ ཅན་མ་འདི་ཆ་མཇོག་འབད་གནང་ནུག། རྩིས་ཞིབ་ཀྱི་བཅའ་ཁྲིམས་༢༠༡༨ ཅན་མའི་ དོན་ཚན་༦༠ པའི་ནང་ བཅའ་ཡིག་བཟོ་ཆོག་པའི་དབང་ཚད་ འཁོད་ཡོད་མི་དང་འཁྲིལ་ སྲིད་བྱུས་དེ་གིས་ ད་ལྟོའི་བརྡ་དོན་ཁྱབ་སྤེལ་གྱི་ལམ་ལུགས་འདི་ མཉམ་སྡེབ་འབད་ནི་དང་ ཡར་དྲགས་གཏང་ནི་གི་དམིགས་གཏད་བསྐྱེད་དེ་ སྲིད་བྱུས་དེ་རྒྱལ་ཁབ་ཀྱི་མཐའ་དོན་དང་ ཉམས་ཆག་འབྱུང་མ་བཅུག་པར་ གཞི་བཙུགས་འབད་ཡོདཔ་ཨིན།

སྲིད་བྱུས་ཀྱི་དམིགས་དོན་དེ་ཡང་ ལམ་སྟོན་སྲིད་བྱུས་འདི་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལཱ་གི་གྲུབ་འབྲས་དང་འབྲེལ་བའི་བརྡ་དོན་ཚུ་དང་ གཞན་ཡང་ སྲིད་བྱུས་འདི་གི་གཞི་རྩ་དང་བསྟུན་ དྭངས་གསལ་དང་ འགན་འཁྲི་རྒྱ་སྐྱེད་གཏང་ནིའི་དོན་ལུ་ དབང་འཛིན་གྱི་ལག་ལེན་དང་ འགོ་འདྲེན་ཚུ་ འོས་འབབ་དང་འཁྲིལ་ཏེ་ ཁྱབ་སྤེལ་འབད་ནིའི་དོན་ལུ་ཨིན་མས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡༽   རྒྱལ་གཞུང་རྩིས་ཞིབ་དབང་འཛིན།

༢༽   རྒྱལ་གཞུང་རྩིས་ཞིབ་དབང་འཛིན། ༼གནམ་ལོ་མེད་༢༠༡༨༽ འབྲུག་གི་རྩིས་ཞིབ་བཅའ་ཁྲིམས་༢༠༡༨ ཅན་མ། https://www.bhutanaudit.gov.bt/+wp-content/uploads/2020/07/Audit-Act-of-Bhutan-2018.pdf

༣༽ རྒྱལ་གཞུང་རྩིས་ཞིབ་དབང་འཛིན།༼གནམ་ལོ་མེད་༢༠༢༢༽རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་བརྡ་བརྒྱུད་བརྒྱུད་འབྲེལ་གྱི་ལམ་སྟོན་སྲིད་བྱུས་༢༠༢༢ཅན་མ།https://www.bhutanaudit.gov.bt/wp-content/uploads+/2022/10/+Policy-Guideline-on-Media-Communications-2022-2.pdf