(Go: >> BACK << -|- >> HOME <<)

    English

རྫོང་ཁ་ཡུ་ནི་ཀོཌ།

ངོ་སྤྲོད།

ཡོངས་འབྲེལ་འདི་ནང་ཡོད་པའི་རྫོང་ཁའི་ཤོག་གྲངས་ཆ་མཉམ་ ISO 10646 / ཡུ་ནི་ཀོཌ་ (Unicode) གི་གནས་ཚད་དང་ཡང་ན་ ཡུ་ནི་ཝར་སལ་ཀེརེག་ཀྲར་ སེཌ། ("Universal Character Set" (UCS) ཟེར་མིའི་མཉེན་ཆས་དེ་དང་འཁྲིལ་ཏེ་ཁྱོད་ཀྱི་གློག་རིག་གི་གསལ་གཞི་ནང་གསལ་སྟོན་འབདཝ་ཨིན། དེ་ཡང་ གློག་རིག་ནང་ལུ་རྫོང་ཁ་དང་ཆོས་སྐད་ཀྱི་སྣ་མང་གི་ཡི་གུ་ཚུ་མཛུབ་མནན་སྐབས་ལུ་ གོང་ལུ་བཀོད་དེ་ཡོད་པའི་མཉེན་ཆས་དེ་ལག་ལེན་འཐབ་ཨིན།།

སྣ་མང་གི་རྫོང་ཁ་དང་ཆོས་སྐད་ཀྱི་ཡི་གུ་ཚུ་ཁྱེད་རའི་ གློག་རིག་གི་གསལ་གཞི་ནང་ལུ་ དྭངས་འཕྲོས་འཕྲོས་དང་ལེགས་ཤོམ་སྦེ་གསལ་སྟོན་འབད་ཐབས་ལུ་ ལེགས་སྤྲོས་ཅན་གྱི་མཉེན་ཆས་ ཡུ་ནི་ཀོཌ་ (Unicode) གཤམ་ལུ་བཀོད་དེ་ཡོད་མི་ཚུ་ངེས་པར་དུ་དགོ

  • རྫོང་ཁ་ཡུ་ནི་ཀོཌ་ (Unicode) "smart font" ཟེར་མིའི་མཉེན་ཆ་འདི་ཡོད་དགོ དེ་སྦེ་ཡོད་དགོ་མི་དེ་ཡང་ དེ་གི་ནང་ལུ་སྣ་མང་གི་ཡི་གུ་ཚུ་ལེགས་ཤོམ་འབད་གསལ་སྟོན་འབད་ཐབས་དང་ མཐུད་ཐབས་ཀྱི་བརྡ་དོན་ཚུ་དང་ ༢ ) དེ་ལས་དེ་དང་བསྟུན་པའི་ཁྱད་པར་གྱི་གནད་ཚུ་ཡང་ཡོདཔ་ཨིན། ༣ ) དེ་གི་མ་ཚད་པར་ མཉེན་ཆས་དེ་ལས་ཡུ་ནི་ཀོ་ཌ་ (Unicode) དེ་གིས་སྣ་མང་གི་ཡི་གུ་ཚུ་ལེགས་ཤོམ་འབད་བསྒྲིག་སྟེ་སྟོན་ཐབས་ལུ་ ཝེབ་ (web) བརྡ་འཚོལ་གིས་ལེགས་ཤོམ་འབད་ལག་ལེན་འཐབ་ཚུགསཔ་བཟོ་དགོ།
  • གོང་ལུ་བཀོད་དེ་ཡོད་པའི་ དེ་གསུམ་ལས་གལ་སྲིད་གཅིག་མེད་པ་ཅིན་ ཁྱོད་ཀྱི་རེ་འདོད་བསྐྱེད་དོ་བཟུབ་སྦེ་ཆོས་སྐད་དང་རྫོང་ཁའི་ཡི་གུ་ ལེགས་ཤོམ་འབད་གསལ་སྟོན་མི་འབད། དེ་གིས་མ་ཚད་གལ་སྲིད་རྫོང་ཁའི་ཡི་གུ་ཞུན་དག་རྐྱབ་དགོ་པ་ཅིན་ ཡུ་ནི་ཀོཌ་ ལྡེ་སྒྲོམ་གྱི་ ཌཡེ་བར་ ཡང་དགོ་ ཡང་ན་རྫོང་ཁ་དང་ཆོས་སྐད་གཉིས་གློག་རིག་ནང་བཙུགས་པའི་ཐབས་ལམ་ཚུ་ཡང་ ངེས་པར་དུ་དགོཔ་ཨིན།།

རྒྱལ་ཡོངས་དཔེ་མཛོད་ཀྱི་ བརྡ་འཕྲུལ་གྱི་ཡོངས་འབྲེལ་ནང་ལུ་ རྫོག་ཁའི་ཡི་གུ་ བཙུགས་དགོཔ་འབད་བཀོད་དེ་ཡོད་རུང་ ད་རེས་ནངས་པར་གསརཔ་འཐོན་པའི་གློག་རིག་འཕྲུལ་ཆས་ དཔེར་ན་ ཝིན་ཌོས་ ཝིས་ཊ་ (Windows Vista) མེཀ་ཀིན་ཏོཤ་ (Macintosh OSX 10.5) དང་རྫོང་ཁ་ལི་ནགསི་ (Dzongkha Linux) ཚུ་ནང་ལུ་སྣ་མང་གི་རྫོང་ཁ་དང་ཆོས་སྐད་ཀྱི་ཡི་གུ་ཚུ་ རིམ་སྒྲིག་འབད་བཏུབ་པའི་རྒྱབ་སྐྱོར་གྱི་འཕྲུལ་ཆ་ཚུ་མཉམ་གཅིག་བཙུགས་ཏེ་འོངམ་ཨིན། ཝིན་ཌོས་ (Windows XP) དང་ (Windows 2000) ཚུ་གི་ཡོང་འབྲེལ་གྱི་ནང་ལུ་ རྫོང་ཁའི་ཡི་གུ་ ལག་ལེན་འཐབ་པ་ཅིན་ དེ་ཚུ་ལེགས་ཤོམ་འབད་གསལ་སྟོན་འབད་ཐབས་ལུ་ གོང་ལུ་བཀོད་དེ་ཡོད་པའི་ གནད་དོན་ཚུ་ངེས་པར་དུ་བཙུགས་དགོ

མེེ་ཀྲོ་སོཕཌ་ཝིན་ཌོས་ (Microsoft Windows) གི་དོན་ལུ་བྱ་སྒོ་རིམ་པའི་བཅུད་བསྡུས།

ཝིན་ཌོས་ (Windows XP) དང་ (Windows 2000) ཚུ་གི་ནང་ལུ་ འོག་ལུ་བཀོད་དེ་ཡོད་པའི་ གནད་དོན་ཚུ་ཚང་སྒྲིག་འབད་ཡོད་པ་ཅིན་ རྫོ་ཁ་ཡུ་ནི་ཀོཌ་འདི་ ལེགས་ཤོམ་འབད་ལཱ་འབདཝ་ཨིན།

ཝིན་ཌོས་ ཝིས་ཊ་ (Windows Vista) ལག་ལེན་འཐབ་མི་ཚུ་གིས་ ཇོ་མོ་ལྷ་རིའི་ཡི་གུ་རྐྱངམ་གཅིག་བཙུགས་ཞིནམ་ལས་ དེ་གློག་རིག་ནང་ལུ་གསལ་སྟོན་འབད་འཐབ་ལུ་ རྫོང་ཁ་ཡང་ན་ བོད་ཀྱི་ལྡེ་སྒྲོམ་གང་རུང་གཞི་བཙུག་འབད་དགོ

མེཀ་ཀིན་ཏོཤ་ (Macintosh OSX )

(AAT) བོད་ཀྱི་ཡི་གུ་དེ་ལག་ལེན་འཐབ་པའི་ཐོག་ལས་ ས་ཕ་རི་ ཝེབ་བརྡ་འཚོལ་ (Safari web-browser) དེ་གིས་རྫོང་ཁ་ཡུ་ནི་ཀོཌ་ འདི་ལེགས་ཤོམ་འབད་ གསལ་སྟོན་འབདཝ་ཨིན། དེ་དང་མཚུངས་པའི་ཡི་གུ་ཚུ་ XenoType Technologies ཟེར་མིའི་འབྲེལ་མཐུད་དེ་ལས་འཐོབ་ཚུགསཔ་ཨིན།།

མེཀ་ཀིན་ཏོཤ་ (Macintosh OSX 10.5 “Leopard”) ཟེར་མིའི་གློག་རིག་ནང་ལུ་ རྫོང་ཁའི་ཡི་གུ་མཛུབ་མནན་རྐྱབ་པའི་སྐབས་ལུ་བེད་སྤྱོད་གཏང་མི་ (AAT) བོད་ཀྱི་ཡི་གུ་ Kokonor དང་ Kailasa ལྷམ་པ་གཉིས་ཡང་མཉམ་ཅགི་བཙུགས་ཏེ་འོངམ་ཨིན།